ཞི་ཅིན་ཕིང་གིས་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པར་འཕྲིན་ལན་སྤྲིངས་ཏེ།

འབད་འཐབ་ཁྲོད་ངོ་མཚར་ཆེ་བའི་མི་ཚེ་བཏོད་ནས་མེས་རྒྱལ་དང་མི་དམངས་ལ་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ།

来源:西藏日报 2022-03-01

འཕྲིན་ལན།

སློབ་གྲོགས་དབྱི་མིང་།

ཁམས་བཟང་། ཁྱེད་ཀྱི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་དང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་དཔའ་བསྐྱེད་འབད་འབུངས་ཀྱིས་རང་ཉིད་ལས་ཚད་བརྒལ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར། ངས་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན།

ཁྱེད་ཀྱིས་འཕྲིན་ཡིག་ནང་རང་ཉིད་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཏུ་སྐྱེས་པ་དང་དུས་རབས་ཡག་ཤོས་ཤིག་ཏུ་འཚར་ལོངས་བྱུང་ཞིང་། འབད་བརྩོན་ལྷོད་མེད་བྱས་མཐར་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བས་གཟི་བསོད་ཆེན་པོ་ཚོར་གྱི་འདུག་ཅེས་བྲིས་འདུག དུས་རབས་གསར་པ་ནི་ཕུགས་འདུན་དོན་དུ་གཉེར་བའི་དུས་རབས་ཤིག་རེད་ལ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཤིག་ཀྱང་རེད། ཁྱེད་ཚོས་མེས་རྒྱལ་དང་སེམས་པ་གཅིག་ཏུ་སྦྲེལ་བ་དང་འདུན་པ་ཆེན་པོ་བཅངས་ཏེ་དོ་དོ་ཏན་ཏན་ངང་འབད་འཐབ་ཁྲོད་ངོ་མཚར་ཆེ་བའི་མི་ཚེ་བཏོད་ནས་མེས་རྒྱལ་དང་མི་དམངས་ལ་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2022ལོའི་ཟླ་2ཚེས་24ཉིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་འབྱོར་པའི་གློག་འཕྲིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཡ་པང་གངས་ཤུད་ལུས་རྩལ་པ་སུའུ་དབྱི་མིང་ལ་འཕྲིན་ལན་སྤྲིངས་ཏེ་ཁོང་དང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཐུགས་རེ་ཆེན་པོ་བཅོལ་གནང་བ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་དང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་དཔའ་བསྐྱེད་འབད་འབུངས་ཀྱིས་རང་ཉིད་ལས་ཚད་བརྒལ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར། ངས་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ཁྱེད་ཀྱིས་འཕྲིན་ཡིག་ནང་རང་ཉིད་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཏུ་སྐྱེས་པ་དང་དུས་རབས་ཡག་ཤོས་ཤིག་ཏུ་འཚར་ལོངས་བྱུང་ཞིང་། འབད་བརྩོན་ལྷོད་མེད་བྱས་མཐར་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བས་གཟི་བསོད་ཆེན་པོ་ཚོར་གྱི་འདུག་ཅེས་བྲིས་འདུག དུས་རབས་གསར་པ་ནི་ཕུགས་འདུན་དོན་དུ་གཉེར་བའི་དུས་རབས་ཤིག་རེད་ལ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཤིག་ཀྱང་རེད། ཁྱེད་ཚོས་མེས་རྒྱལ་དང་སེམས་པ་གཅིག་ཏུ་སྦྲེལ་བ་དང་འདུན་པ་ཆེན་པོ་བཅངས་ཏེ་དོ་དོ་ཏན་ཏན་ངང་འབད་འཐབ་ཁྲོད་ངོ་མཚར་ཆེ་བའི་མི་ཚེ་བཏོད་ནས་མེས་རྒྱལ་དང་མི་དམངས་ལ་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉེ་ཆར་སུའུ་དབྱི་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་སེམས་ལ་བརྟན་པོ་བཅངས་ཏེ་སྙིང་རུས་ཆེན་པོས་སྦྱོང་བརྡར་དང་། རང་ཉིད་ལས་ཚད་བརྒལ། ཕུགས་འདུན་མངོན་འགྱུར་བཅས་བྱས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་སེང་ཞུས་པ་མ་ཟད་མུ་མཐུད་འབད་བརྩོན་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱས་ཏེ་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པ་རེད།